ཁ་བའི་སྙིང་གཏམ། ཕྲིན་ལས་རྒྱ་མཚོ། Thinley Gyamtso
གངས་རི་དཀར་པོ་སྲིད་པའི་རྒྱན་རེད།
གངས་ཆུ་སྔོན་མོ་འཛམ་གླིང་སྲོག་རེད།
གནས་འདི་འཆོ་བའི་མི་རིགས་འདི་ནི།
བུ་ཆུང་ང་ཡི་ལུས་ངག་ཡིད་ཡིན།
གསལ་བྱེད་སམ་ཅུ་ང་ཚོའི་རྒྱན་རེད།
ངོ་མཚར་ལོ་རྒྱུས་རང་རེའི་སྟོབས་རེད།
སྔོན་ཐོན་རིག་གནས་རང་རིགས་བློ་ཡིན།
འདི་ནི་ང་ཚོའི་བློ་གྲོས་ཡིན་སོང་།
ང་ཚོ་གངས་ཅན་བོད་པ་ཡིན།
ཁྱིམ་ཚང་གཅིག་གི་མིང་སྲིང་རེད།
ཕ་མ་གཅིག་གི་སྤུན་མཆེད་ཡིན།
ཡང་ཡང་འཛོམས་པའི་སྨོན་ལམ་འདེབས།
དཀོན་མཆོག་གསུམ་པོ་ང་ཚོའི་སྐྱབས་ཡིན།
ལྷ་ཆོས་དཀར་པོ་ཁ་བའི་མགོན་རེད།
མདོ་སྔགས་རིག་གནས་འཛམ་གླིང་གཏེར་ཡིན།
ང་ཚོ་འདི་ཡི་རྒྱུན་འཛིན་པ་ཡིན།
མ་ནི་འབྲི་དྲུག་དབུ་ནག་ཆོས་ཡིན།
སེམས་པ་དཀར་པོ་རང་རེའི་གཤིས་ཡིན།
གཞན་ཕན་ལྷག་བསམ་མི་འགྱུར་བྲག་ཡིན།
འདི་ནི་ཁ་བའི་སྙིང་གཏམ་ཡིན་སོང་།
ང་ཚོ་གདོང་དམར་བོད་པ་ཡིན།
ཁྱིམ་ཚང་གཅིག་གི་མིང་སྲིང་རེད།
ཕ་མ་གཅིག་གི་སྤུན་མཆེད་ཡིན།
ཡང་ཡང་འཛོམས་པའི་སྨོན་ལམ་འདེབས།
ཡང་ཡང་འཛོམས་པའི་སྨོན་ལམ་འདེབས།།